བསོད་མཚོ་འབུམ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གྲོང་བརྡལ་ཤ་རྒྱ་སྡེ་བ་ནས་སྐྱེས། རིམ་བཞིན་སྡེ་བའི་སློབ་ཆུང་གི་སྒོ་ཐེམ་བརྒལ་བ་ནས་ཚུགས་ཏེ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་ལ་བརྒྱུད། ༢༠༡༧ ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་ལོ་དེའི་སྤྱི་ཟླ་བརྒྱད་པའི་ནང་ཨ་རིའི་ཁ་ལོ་ར་རྡོ་གཙུག་ལག་སློབ་ཆེན་(University of Colorado Boulder) དུ་ཆས་ཏེ་ལོ་གཉིས་རིང་ཞིབ་འཇུག་གི་སློབ་གཉེར་ལ་འབད། ༢༠༢༠ ནས་ཨ་རིའི་ནུབ་བྱང་གཙུག་ལག་སློབ་ཆེན་(Northwestern University)ལ་འགྲིམས་ཏེ་ཆོས་ལུགས་རིག་པའི་སྡེ་ཁག་ཏུ་འབུམ་རམས་པའི་བསླབ་གནས་ལ་སློབ་གཉེར་བྱེད་བཞིན་ཡོད། Books on Religious Studies Mahmood, Saba. "Politics of piety." In Politics of Piety. Princeton University Press, 2011. Asad, Talal. Genealogies of Religion: Discipline and reasons of power in Christianity and Islam. JHU Press, 1993. Smith, Jonathan Z. Imagining religion: from Babylon to Jonestown. University of Chicago Press, 1982. Masuzawa, Tomoko. The invention of world religions: Or, how European universalism was preserved in the language of pluralism. University of Chicago Press, 2005. Orsi, Robert A. "Between heaven and earth." In Between Heaven and Earth. Princeton University Press, 2013. Berlant, Lauren. "Cruel Optimism." The affect theory reader (2010): 93-117.
དཔྱད་རྩོམ་ནི་དེང་དུས་མཐོ་རིམ་སློབ་གསོ་དང་ཞིབ་འཇུག་གི་ཁྲོད་དུ་གྲུབ་འབྲས་མཚོན་བྱེད་ཀྱི་རྣམ་པ་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། དཔྱད་རྩོམ་ལེགས་པོ་ཞིག་འབྲི་དགོས་ན་ངེས་པར་དུ་ཞིབ་འཇུག་དང་རྩོམ་འབྲི་བའི་ནུས་པ་ཡག་པོ་ཞིག་ལྡན་དགོས་པ་ནི་སྨྲ་མི་དགོས་པ་ཞིག་རེད། དེ་རིང་གི་ལེ་ཚན་འདིའི་ནང་དུ་རྒན་ཚེ་རིང་འབུམ་དང་དཔལ་ལྡན་ཚེ་རིང་གཉིས་ཀྱིས་རང་གི་སློབ་སྦྱོང་དང་ཞིབ་འཇུག་གི་ཉམས་མྱོང་བརྒྱུད་ནས་དཔྱད་རྩོམ་འབྲི་བའི་སྐོར་ནས་ཁ་བརྡ་བྱས་ཡོད།
ཐེངས་འདིའི་ལེ་ཚན་ནང་དུ་གདན་འདྲེན་བྱས་པའི་སྐུ་འགྲོན་ནི་ད་ལྟ་ཨ་རིའི་ཝར་ལྗི་ནི་ཡཱ་སློབ་ཆེན(University of Verginia)་ནས་སློབ་གསོའི་འབུམ་རམས་སློབ་གཉེར་བྱེད་བཞིན་པའི་བཀྲ་ཤིས་བདེ་སྐྱིད་ལགས་རེད།ཁོ་མོས་རང་ཉིད་ཀྱི་སློབ་གཉེར་བརྒྱུད་རིམ་དང་མཐོ་རིམ་སློབ་གསོའི་ཞིབ་འཇུག་སྐོར་ནས་ཁ་བརྡ་བྱས་ཡོད་ལ།དམིགས་བསལ་གྱིས་གཉུག་གནས་མི་རིགས(Indigenous Peoples)ཀྱི་ཤེས་རིག་གི་གཞུང་ལུགས་དང་ཞིབ་འཇུག་ཐབས་ལམ་རིག་པ་ལ་བརྟེན་ནས་བོད་ཀྱི་སྣོད་བཅུད་ལྟ་བ་གཙོར་འཛིན་པའི་ཤེས་རིག་རྒྱུན་འཛིན་དང་ཤེས་རིག་ གསར་སྐྲུན་གྱི་ཐབས་ལམ་རིག་པ་ཞིག་གསལ་བརྗོད་བྱེད་འདོད་ཀྱི་སྐོར་ལ་...
རྒན་ཤ་མོ་ཐར་ལགས་ནི་མཚོ་སྔོན་རེབ་གོང་ནས་སྐྱེས་ཤིང་རྗེས་སུ་ཟི་ལིང་གྲོང་ཁྱེར་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་འགྲིམས། ༢༠༠༤ ལོར་ཨ་རིའི་པི་རན་ཌ་སི་སློབ་ཆེན་(Brandies University)ནས་འཕེལ་རྒྱས་རིག་པའི་ཞིབ་འཇུག་སློབ་མའི་སློང་སྦྱོང་བྱས་ཏེ་བདེ་བླག་ངང་མཐར་ཕྱིན། ད་ལྟ་ཨ་རིའི་མངའ་སྡེ་མེ་ས་ཆུ་ས་སློབ་ཆེན(University of Massachusetts Amherst)་གྱི་སློབ་གསོའི་ཞིབ་འཇུག་སྡེ་ཁག་ནས་འབུམ་རམས་སློབ་གཉེར་བྱེད་བཞིན་ཡོད། ཁོ་མོའི་ཞིབ་འཇུག་ཁ་ཕྱོགས་ནི་རྒྱལ་སྤྱི་མཐོ་རིམ་སློབ་གསོ་དང་ཚད་བསྡུར་སློབ་གསོ། སློབ་གསོའི་སྲིད་ཇུས་སྐོར་རེད།
དབལ་ཤུལ་ཚེ་དཔག་སྐྱབས་ནི་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཟངས་དཀར་འབྲོག་སྡེ་ནས་ཡིན་ལ། ད་ལྟ་ཨ་རིའི་ཝིར་ཇི་ནེ་ཡཱ་གཙུག་ལག་སློབ་ཆེན་(University of Virginia)གྱི་སློབ་གསོ་སློབ་གླིང་གི་འབུམ་རམས་སློབ་མ་ཡིན། ཁོའི་ཞིབ་འཇུག་ནི་མིའི་ཁམས་རིག་པའི་སློབ་གསོ་ཡིན་ལ་ཞིབ་འཇུག་ཁ་ཕྱོགས་ནི་སློབ་གྲྭའི་སློབ་གསོ་མ་ཡིན་པའི་སློབ་གསོ་སྟེ། ཁྱིམ་ཚང་དང་ཡུལ་སྡེ་སོགས་ནས་བསླབ་སྟངས་དང་སློབ་ཚུལ་སོགས་སློབ་གསོའི་སྣང་ཚུལ་ལ་རྒྱུས་ལོན་བྱེད་པ་དེའོ།།
ཐེངས་འདིའི་ལེ་ཚན་ནང་དུ་གདན་འདྲེན་བྱས་པའི་སྐུ་འགྲོན་ནི་ད་ལྟ་ཧྥ་རན་སི་ནས་འབུམ་རམས་སློབ་གཉེར་བྱེད་བཞིན་པའི་གྲོགས་པོ་རྣལ་འབྱོར་ཚེ་རིང་ལགས་ཡིན། ལེ་ཚན་འདིའི་དཔེ་ལྟར་གྲོགས་པོ་རྣལ་འབྱོར་ཚེ་རིང་གིས་རང་ཉིད་ཀྱི་སློབ་གཉེར་བརྒྱུད་རིམ་དང་ཧྥ་རན་སིའི་ཐུན་མོང་མ་ཡིན་པའི་ཞིབ་འཇུག་གི་མཁའ་དབུགས་སྐོར་ནས་ཁ་བརྡ་བྱེད་རྒྱུ་རེད། རྣལ་འབྱོར་ཚེ་རིང་ནི་མདོ་སྨད་ཐེ་བོ་རོང་དུ་སྐྱེས་ལ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་མི་རིགས་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་མི་རིགས་རིག་པའི་འབུམ་རམས་པའི་ཞིབ་འཇུག་སློབ་མ། པཱ་རེ་སི་ཆེས་མཐོ་ཉམས་ཞིབ་སློབ་གླིང(École Pratique des Hautes Études)གི་སྐད་ཡིག་དང་ལོ་རྒྱུས་ཚན་རིག་སྡེ་ཚན་དང་། ཧྥ་རན་སི་རྒྱལ་བཙུགས་ཚན་རིག་ཁང་ཤར་ཨེ་ཤ་ཡ་ཞིབ་འཇུག་ལྟེ་གནས(Centre de recherche sur les civilisations de l'Asie orientale)ཀྱི་འབུམ་རམས་པའི་ཞིབ་འཇུག་སློབ་མ།
བོད་མིང་ལ་རང་འབྱུང་ལྷ་མོ་ཞེས་འབོད་པའི་ཋའོ་ནིས་ཋིཌི་ཝེལ(Tawni Tidwell)ནི་༡༩༨༡ ལོར་ཨ་རིའི་གངས་ཅན་ལྗོངས་ཀོ་ལོ་ར་ཌོ་(Colorado) ནས་སྐྱེས། ཨ་ཕ་དམག་མིའི་སྨན་པ་ཞིག་ཡིན་པས་བྱིས་པའི་སྐབས་སུ་ལྷོ་ཁོ་རི་ཡ་(South Korea) ནས་ལོ་འགར་འཚོ་སྡོད་བྱས། ༡༩༩༩ ལོར་ས་ཏ་ཎི་ཕོར་ཌ་ སློབ་ཆེན་(Stanford University)ནས་དངོས་ཁམས་རིག་པ་(physics) དང་སྣོད་བཅུད་རིག་པའི་སྐྱེ་དངོས་རིག་པ (ecological biology) དངོས་གཞི་སློབ་སྦྱོང་བྱས་ནས་༢༠༠༤ལོར་མཐར་ཕྱིན། ༢༠༡༣ ལོར་མཚོ་སྔོན་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་ནས་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་བྱས་པ་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནས་ལོ་གཅིག་དང་ཕྱེད་ཀར་དངོས་སྦྱོང་ལ་ཞུགས། ༢༠༡༡དང་༢༠༡༧ལོར་སྔ་རྗེས་སུ་ཨེ་མོ་རེ་སློབ་ཆེན(Emory University)ནས་སྐྱེ་དངོས་མིའི་རིགས་རིག་པའི་རབ་འབྱམས་དང་འབུམ་རམས་པའི་སློབ་མཐར་ཕྱིན། འབུམ་རམས་པའི་ཞིབ་འཇུག་ནི་བོད་སྨན་གྱི་འབྲས་སྐྲན་ལ་ངོས་འཛིན་བྱེད་ཐབས་ཚད་མ་རིག་པ་དང་འབྲེལ་བར་དཔྱད་པ། ༢༠༡༨ ལོ་ནས་༢༠༡༩ ལོ་བར་དུ་ཨོ་སི་ཏ་རི་ཡ་(Austria) རྒྱལ་ཁབ་ཚན་རིག་ཞིབ་འཇུག་ཁང་ (Austrian Academy of Sciences) ལ་ལས་ཀ་བྱས་ཏེ་མདོ་སྨད་དང་མདོ་སྟོད་ལ་བོད་ལུགས་གསོ་རིག་གི་སྨན་སྦྱོར་གྱི་རྒྱུད་པ་ཞིབ་འཇུག་བྱས། ༢༠༡༩ ལོའི་ཟླ་བ་བརྒྱད་པ་ནས་དབང་རྩ་རིག་པའི་ཚན་རིག་པ་རི་ཆར་ཏ་ཌ་ཝི་ད་སོ་ཎ་(Richard Davidson) དང་མཉམ་དུ་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་སེམས་ཀྱི་འཕྲོད་བསྟེན་ཞིབ་འཇུག་ཁང་(Center for Healthy Minds) ནས་ཞིབ་འཇུག་བྱེད་བཞིན་ཡོད།
དེ་རིང་གི་ལེ་ཚན་འདིའི་ནང་དུ་གདན་འདྲེན་བྱས་པའི་སྐུ་འགྲོན་ནི་ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་ནས་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་པའི་རྒན་སྙིང་བོ་རྒྱལ་ལགས་ཡིན་ལ། མི་འགྱངས་བར་ཁོ་རང་ནོར་ཝེ་རྒྱལ་ཁབ་ཀྱི་ཨོ་སི་ལོ་སློབ་ཆེན་(University of Oslo)ནས་འབུམ་རམས་སློབ་མཐར་ཕྱིན་རྒྱུ་རེད། ལེ་ཚན་འདིའི་ནང་དུ་རྒན་སྙིང་བོ་རྒྱལ་གྱིས་སློབ་གཉེར་གྱི་བརྒྱུད་རིམ་དང་ཁོ་རང་གི་ཡུལ་ལྷ་གཞི་བདག་གི་ཞིབ་འཇུག་སྐོར་ནས་ཁ་བརྡ་མདོར་བསྡུས་ཞིག་བྱེད་རྒྱུ་རེད། བསླབ་འབྲས་ཆེད་དེབ་ལ་《རེབ་གོང་ལྷ་པའི་འཕོ་འགྱུར།》དང་《ཨ་མདོ་རེབ་གོང་ཡུལ་གྱི་དྲུག་པའི་ཀླུ་རོལ།》《ཨ་མདོ་རེབ་གོང་གི་ཨ་མྱེས་སྟག་ལུང་དད་མོས་ཞིབ་བརྗོད།》བཅས་ཡོད་དོ།།
འབུམ་རམས་པ་བསོད་ནམ་ལྷུན་འགྲུབ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོའི་མི་ཡིན་ལ། རྒྱ་བོད་དབྱིན་གསུམ་གསུམ་ལ་མཁས་པ་དང་ཉི་ཧོང་གི་སྐད་བྱང་ཆུབ་པར་བེད་སྤྱོད་བྱེད་ཐུབ། 2010ལོར་ཧྥི་ལི་ཕིན་གྱི་སྨི་ལའེ་མུའུ་སློབ་ཆེན་(Miriam College) ནས་སློབ་གསོའི་སེམས་ཁམས་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ། དེའི་རྗེས་ཀྱི་ལོ་གཉིས་ནང་མཚོ་སྔོན་དགེ་འོས་སློབ་ཆེན་དུ་ཕྱི་སྐད་དགེ་རྒན་གྱི་ལས་གནས་བསྒྲུབས། 2013ལོར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཆ་ཚང་ཐོབ་ནས་ཨོ་སི་ཁྲུ་ལི་ཡའི་ལི་ཁྲོ་ཧྦི་སློབ་ཆེན་(La Trobe University)དུ་སྤྱི་ཚོགས་སྐད་བརྡ་རིག་པའི་འབུམ་རམས་པར་སློབ་གཉེར་བྱས། དགེ་རྒན་ཆེན་མོ་ཏ་ཝེ· པུའུ་ལའེ་ཏེ་ལིས་(Pro. David Baradley)ཡི་རྗེས་སུ་འབྲངས་ནས་རྟའུ་སྐད་ཀྱི་བརྡ་སྤྲོད་ཞིབ་བརྗོད་ཞིབ་འཇུག་བྱས། ལོ་ངོ་བཅུ་ལྷག་གི་རིང་ལ་སྐད་བརྡ་ཡུལ་དངོས་བརྟག་དཔྱད་ཀྱི་ཉམས་མྱོང་ཡོད།
དེ་རིང་གི་ལེ་ཚན་འདིའི་ནང་དུ་གདན་འདྲེན་བྱས་པའི་སྐུ་འགྲོན་ནི་དབྱིན་ཇི་ནས་འབུམ་རམས་སློབ་གཉེར་བྱེད་བཞིན་པའི་རྒན་དཔལ་ལྡན་ཚེ་རིང་ལགས་ཡིན། ལེ་ཚན་འདིར་རྒན་དཔལ་ལྡན་གྱིས་ཁོ་རང་གི་ཀྱག་ཀྱོག་ལྡན་པའི་སློབ་གཉེར་གྱི་བརྒྱུད་རིམ་དང་ཞིབ་འཇུག་གི་འདུན་པ། ད་དུང་དབྱིན་ཇི་ནས་སློབ་གཉེར་བྱས་ན་གྲ་སྒྲིག་ཅི་ཞིག་བྱེད་དགོས་པའི་སྐོར་ནས་ཀྱང་ཁ་བརྡ་མདོར་བསྡུས་ཞིག་བྱས་ཡོད། རྒན་དཔལ་ལྡན་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་མི་ཡིན་ལ། ༢༠༡༧ནས་༢༠༡༨ལོའི་བར་དུ་དབྱིན་ཇིའི་ཁན་ཐུ་སློབ་ཆེན་University of Kent ནས་སྲུང་སྐྱོང་དང་འཕེལ་རྒྱས་རབ་འབྱམས་ཞིབ་འཇུག་གི་ཆེད་ལས་སུ་བདམས་ཏེ་ཨ་མདོ་ས་ཆའི་དགོན་སྡེ་ཚོགས་པ་དང་ས་གནས་ཀྱི་ཁོར་སྲུང་དང་འཕེལ་རྒྱས་སྐོར་གྱི་འབྲེལ་བ་ལ་ཞིབ་འཇུག་བྱས། ༢༠༡༨ནས་བཟུང་དབྱིན་ཇིའི་སཱ་སད་ཁུ་སློབ་ཆེན་འཕེལ་རྒྱས་ཞིབ་འཇུག་སྡེ་ཁག (Institute of Development Studies at University of Sussex) ནས་འབྲོག་ལས་འཕེལ་རྒྱས་འབུམ་རམས་ཞིབ་འཇུག་པའི་ཆེད་ལས་སུ་བདམས་ཏེ་ཨ་མདོ་འབྲོག་སྡེ་གཉིས་ཀྱི་རྩྭ་སའི་དོ་དམ་དང་སྒྲིག་ཁྲོམས་སྐོར་གྱི་ཞིབ་འཇུག་བྱ་བ་གཉེར།